ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

ཞབས་བརྟན།

ཞབས་བརྟན་གསོལ་འདེབས་ཕན་བདེའི་ཐིག་འཕྲེང་།

འཆི་མེད་ཞིང་མགོན་བཅོམ་ལྡན་ཚེ་དཔག་མེད།། འཆི་མེད་དཔལ་སྟེར་མཚོ་སྐྱེས་རྡོ་རྗེ་དང་།།འཆི་མེད་རིག་འཛིན་གྲུབ་པའི་ལྷ་ཚོགས་ཀྱིས།། འཆི་མེད་རྟག་པ་དམ་པའི་དགེ་ལེགས་སྩོལ།།ལྷུན་གྲུབ་རྫོགས་ཆེན་བདེ་བར་གཤེགས་པའི་ལམ།། འཇིགས་མེད་བཤད་དང་སྒྲུབ་པའི་འཕྲིན་ལས་ཀྱིས།།

སྐལ་ལྡན་བློ་གསལ་དབང་པོར་སྩོལ་མཁས་པ།། སྔ་འགྱུར་བསྟན་པའི་གསལ་བྱེད་ཞབས་བརྟན་གསོལ།། ཚུལ་གནས་ཐོས་བསམ་སྒོམ་པའི་གངས་ཀྱི་རིར།། འཆད་རྩོད་རྩོམ་པའི་གད་རྒྱང་རྟག་སྒྲོག་ཅིང་།། མཁས་བཙུན་བཟང་པོའི་གཡུ་རལ་ཀུན་གསིག་པ།། བསྟན་འཛིན་སྡེར་ཆགས་རྒྱལ་པོ་ཞབས་བརྟན་གསོལ།། ལྷག་བསམ་ཐུགས་བསྐྱེད་སྤྲིན་གྱི་ཟླ་གམ་ལས།། མཛོད་ཆེན་བདུན་དང་སྙིང་ཐིག་ཡ་བཞི་སོགས།། ཕན་བདེའི་ཐིག་འཕྲེང་དུས་སུ་འཇོི་མཛད་པའི།། ཀློང་ཆེན་རྒྱལ་ཚབ་དམ་པར་ཞབས་བརྟན་གསོལ།། བསླུ་མེད་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་དང་།། རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས།། ཡིད་ལ་བརྣག་པའི་འདོད་དོན་མ་ལུས་པ།། གེགས་མེད་བདེ་ལེགས་ཉིད་དུ་འགྲུབ་གྱུར་ཅིག།
ཅེས་པ་འདི་ཡང་མཁན་པོ་འཇམ་དཔལ་བསྟན་གྱི་དབུས་འཕགས་ཡུལ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་འདུས་པ་བྱིང་ནས་བསྐུལ་བའི་ངོར་ཅོན་ཏ་ར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་གསང་ངག་རིན་པོ་ཆེ་འཆད་སླེལ་བགྱིས་སྐབས་ས་སྐྱ་ཁྲི་འཛིན་པས་སྦྱར་བའོ།