ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

ཞབས་བརྟན།

ཞབས་བརྟན་གསོལ་འདེབས་བཞུགས་སོ།

ཨོྃ་སྭ་སྟི། རྒྱལ་ཀུན་ཡེ་ཤེས་ཕུང་པོ་གཅིག་བསྡུས་པ།། ལོངས་སྤྱོད་རྫོགས་སྐུ་མགོན་པོ་ཚེ་མཐའ་ཡས།།
ཚེ་དབང་རིག་འཛིན་པདྨ་རྒྱལ་པོ་ཡིས།། བསྟན་འཛིན་དམ་པའི་སྐུ་ཚེ་བསྲིང་བར་མཛོད།།


མདོ་རྒྱུད་མན་ངག་ཀུན་འདུས་ཐེག་པའི་རྩེ།། ཀུན་མཐུན་ཀུན་ལས་ཁྱད་འཕགས་རྫོགས་པ་ཆེའི།།
བསྟན་པ་འཛིན་ལ་ལུང་གིས་བསྔགས་པ་ཡི།། འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ཞབས་བརྟན་གསོལ།།

སྲས་བཅས་རྒྱལ་བའི་ཐུགས་རྗེའི་བདེན་སྟོབས་ཀྱིས།། བསྟན་དང་འགྲོ་བའི་མཛད་པ་འཕྲིན་ལས་ཀུན།།
ཉེར་འཚེའི་བར་ཆད་རླུང་གིས་གཡོ་མིན་པར།། དགེ་ལེགས་སྣང་བས་ས་གསུམ་ཁྱབ་པར་ཤོག །

རྩོམ་པ་པོ། རིག་འཛིན་ཉི་མ་གྲགས་པ།