ཕྱི་ལོ་  ༢༠༡༨ ཟླ་ ༢  ཚེས་ ༢༥ གཟའ་ཉི་མ།

ཆོས་སྤྱོད་སྐོར།

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ།

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ།

སངས་རྒྱས་ཤཱཀྱ་ཐུབ་པ།

༄༅།། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །

Read more...

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་བོ་ཞེས་བྱ་བ།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་བོ་ཞེས་བྱ་བ།

སངས་རྒྱས་ཤཱཀྱ་ཐུབ་པ།

རྒྱ་གར་སྐད་དུ། ཨཱརྱ་བྷཱ་དྲ་ཙརྱ་པྲ་ཎི་དྷཱ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་བོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། ། དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། 

Read more...

འཕགས་པ་ཕུང་བོ་གསུམ་པ་ཞེས་བྱ་བའི་མདོ།

འཕགས་པ་ཕུང་བོ་གསུམ་པ་ཞེས་བྱ་བའི་མདོ།

སངས་རྒྱས་ཤཱཀྱ་ཐུབ་པ།

ན་མོ་བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ་བདག་མིང་འདི་ཞེས་བགྱི་བ། བླ་མ་ལ་སྐྱབས་སུ་མཆིའོ།།  སངས་རྒྱས་༝  ཆོས་ལ་༝   དགེ་འདུན་ལ་༝   སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།།

Read more...

རྗེ་བཙུན་འཕགས་མ་སྒྲོལ་མ་ཉེར་གཅིག་གི་བསྟོད་པ།

རྗེ་བཙུན་འཕགས་མ་སྒྲོལ་མའི་ཉེར་བསྟོད་ཅེས་བྱ་བ།

ཤཱཀྱ་ཐུབ་པ།

ན་མོ་ཨཱརྱ་ཏཱ་རེ་ཡེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ།། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།།ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།། སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།། འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།། གེ་སར་བྱེ་བ་ལས་ནི་བྱུང་མ།།

Read more...

བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ།

བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བ།

ཏཱ་ར་ནཱ་ཐ།

༄༅། རྒྱ་གར་སྐད་དུ་བྷ་ག་བ་ཏི་པྲ་ཛྙཱ་པ་ར་མི་ཏཱ་ཧྲི་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ ། ༈ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།

Read more...

གྲུབ་དབང་རྫོགས་ཆེན་པའི་བསྟན་རྒྱས་སྨོན་ལམ།

ན་མོ་མ་ཧཱ་གུ་རུ་པདྨ་བིདྷྱཱ་དྷ་ར་ཡེ། 

མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་པ་ལས། །
སྒྲོལ་མཛད་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན། །
རྡོ་རྗེ་སློབ་དཔོན་གཟུགས་སུ་མངོན་སུམ་བྱོན། །
རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག །

གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་མཆོག།།
དྲུག་པ་རྡོ་རྗེ་འཆང་གི་རྒྱལ་ཚབ་ཆེ། །
གྲུབ་པའི་དབང་ཕྱུག་ཀུ་ཀུ་རཱ་ཛ་དངོས། །
རྫོགས་ཆེན་པ་ཡི་བསྟན་པ་རྒྱས་གྱུར་ཅིག།།

Read more...

ཛཾ་བྷ་ལའི་སྒྲུབ་ཐབས་ནི།

རང་ཉིད་སྐད་ཅིག་དཔལ་ལྡན་ཛཾ་བྷ་ལ། །གསེར་མདོག་དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཕྱག་གཡས་ཤིང་ཐོག་བི་ཛ་པཱུར་ར་ཀ །གཡོན་པས་རིན་ཆེན་གཏེར་གྱི་ནེའུ་ལེ་འཛིན། ཕྱེད་དཀྱིལ་པདྨ་ཟླ་བའི་གདན་ལ་བཞུགས། །ཐུགས་ཀར་ཟླ་སྟེང་ཛཾ་ལ་སྔགས་ཀྱིས་བསྐོར། །ན་མོ་རདྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ།

Read more...

ཕྱོགས་བཅུ་མུན་སེལ།

ཨོཾ་ཕྱོགས་བཅུའི་མུན་སེལ་ཕྱོགས་བཅུའི་འཇིག་རྟེན་ན། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །བདག་ནི་ཕྱོགས་བཅུར་དོན་གཉེར་འགྲོ་བ་ན། །དོན་དེ་འགྲུབ་ཏེ་སླར་ཡང་ལྡོག་པར་ཤོག །ཕྱག་འཚལ་སྟེང་འོག་བཞུགས་པའི་སངས་རྒྱས་ལ། །ཕྱག་འཚལ་སྐྱབས་མཆི་བདག་ཅག་གར་འགྲོ་ཡང་། །དགྲ་ཅག་ཆོམ་རྐུན་མེ་ཆུ་གཅན་ཟན་སོགས། །འཇིག་པ་ཀུན་སྐྱོབས་བསམ་དོན་ལྷུན་གྲུབ་མཛོད། །

Read more...

འགྱུར་སྔགས།

ཨོཾ་སམྦྷ་ར་སམྦྷ་ར་བྷི་མ་ན་ས་ར་མ་ཧཱ་ཛམ་བྷ་བ་ཧཱུཾ་ཕཊ་སྭཱ་ཧཱ། །
གཟུངས་འདིའི་ཕན་ཡོན་བཀའ་གདམས་གླེག་བམ་ལས། དེ་ཡི་སྔོན་དུ་གཟུངས་འདི་སྦྱོར། བྱེ་བ་འགྱུར་དུ་རྒྱལ་བས་གསུངས། ཞེས་སོ།
འགྱུར་སྔགས།
ཨོཾ་དྷུ་རུ་དྷུ་རུ་ཛ་ཡ་མུ་ཥེ་སྭ་ཧཱ། ཞེས་དགེ་སྦྱོར་གང་བྱེད་ཀྱི་སྔོན་རྗེས་སུ་ལན་བདུན་རེ་བཟླས་ན་འབུམ་འགྱུར་དུ་འགྲོ་བར་གསུངས་སོ།

སྨོན་ལམ་རྒྱ་མཚོའི་ཡང་སྙིང་ཀུན་བཟང་ཞིང་ཉི།

སྨོན་ལམ་རྒྱ་མཚོའི་ཡང་སྙིང་ཀུན་བཟང་ཞིང་གི་ཉི་མ་བཞུགས།
བགྲང་ཡས་ཚོགས་བཟུང་དཔལ་གྱིས་བསྐྲུན་པའི་སྐུ།། ཡན་ལག་དྲུག་བཅུ་ལྡན་པ་ཚང་དབྱངསགསུང་། །སྟོབས་བཅུའི་ཡོན་ཏན་ཀུན་རྫོགས་པའི་ཐུགས།། ཐུབ་དབང་ལྷ་ཡི་ལྷ་མཆོག་དགོངས་སུ་གསོལ།།

Read more...