ཕྱི་ལོ་  ༢༠༡༧ ཟླ་ ༡༢  ཚེས་ ༡༨ གཟའ་ཟླ་བ།

ཆོས་སྤྱོད་སྐོར།

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷ་ར་ཎི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས།

རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། དེ་ནས་ལག་ན་རྡོ་རྗེས་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེའི་སྙིང་པོ་རབ་ཏུ་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་པར་བྱེད་པ། རིགས་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིགས་སྔགས་ཐམས་ཅད་གནོད་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་བརླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིགས་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྤྱིན་པ། སེམས་ཅན་ཐམས་ཅད་བསྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྚ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། གྷཱུརྞ་གྷཱུརྞ། གྷཱུརྞཱ་པ་ཡ་གྷཱུརྞཱ་པ་ཡ། སརྦ་ས་ཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ། སཾ་བོ་དྷ་ཡ། བྷྲ་མ། བྷྲ་མ། སཾ་བྷྲ་མ་ཡ། སཾ་བྷྲ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚ་ཀུཊྚ། སཾ་ཀུཊྚ་ཡ། སཾ་ཀུཊྚ་ཡ། སརྦ་ཤ་ཏྲུན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ། སཾ་གྷ་ཊ་ཡ། སརྦ་བིདྱཱ་བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲ་ཡེ་སྭཱ་ཧཱ། ཧེ་ཕུ་ལུ་ནི་རུ་ཕུལླུ། གྲྀ་ཧྞ་ཀུལླུ། མི་ལི་ཙིལླུ། ཀུ་རུ་ཀུལླུ། བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ། ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་བི་དཱ་ར་ཎ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ་ཙཎྚ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཧ་ར་ཧ་ར་བཛྲ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། མ་ཏིསྠི་ར་བཛྲ། ཤུ་ཏིསྠི་ར་བཛྲ། པྲ་ཏིསྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧྱེ་ཧི་བཛྲ། ཤྲཱི་གྷྲཱི་བཛྲ། དྷ་ར་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལ་མཱ་བརྟ་ཡ་སྭཱ་ཧཱ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ། ན་མཿ ས་མནྟ་བཛྲ་ཎཱཾ། སརྦ་བཛྲ་ཀུ་ལ་མཱ་བརྟ་ཡ། མ་ཧཱ་བ་ལེ། ཀ་ཊ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྚ་ལ་མཱ་ཡེ། ཨ་ཏི་བཛྲ་མ་ཧཱ་བ་ལེ། བེ་ག་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། ཏིང་ག་ལེ། ད་ཧ་ད་ཧ། དེ་ཛོ་བ་ཏི། ཏི་ལི་ཏི་ལི། བྷནྡྷ་བྷནྡྷ། མ་ཧཱ་བ་ལེ། བཛྲ་ཨཾ་ཀུ་ཤ་ཛྭ་ལྭ་ཡེ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྚ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐཱ་མ་ཐཱ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡྷ་བྷིནྡྷ་བཛྲ་ཧཱུཾ་ཕཊ། ན་མཤྩཎྚ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། བདག་དང་སེམས་ཅན་ཐམས་ཅན་ཀྱི།། སྡིག་པ་ཐམས་ཅད་བྱང་བྱས་ནས།། སྡུག་བསྔལ་ཐམས་ཅད་མེད་པར་བྱེད།། རྒྱུད་དོ་ཅོག་གི་རྩ་བ་སྟེ།། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན།། སེམས་ཅན་དབང་པོ་ཉམས་པ་དང་།། ཚེ་ཟད་པ་དང་ཚེ་ཉམས་དང་།། ཕུན་སུམ་ཚོགས་མིན་གང་ཆགས་དང་།། ལྷ་རྣམས་རྒྱབ་གྱིས་ཕྱོགས་པ་དང་།། མཛའ་སྡུག་སྐྱེ་བོ་སྡང་བ་དང་།། བྲན་བཟའ་ལ་སོགས་གཙེས་པ་དང་།། ཕན་ཚུན་མཐུན་པ་མ་ཡིན་དང་།། ནོར་འགྲུབ་པས་ནི་གནོད་པ་དང་། །མྱ་ངན་ངལ་ལས་གནོད་པ་དང་།། འཇིགས་པ་དང་ནི་ཕོངས་པ་དང་།། གཟའ་དང་རྒྱུ་སྐར་བྱད་སྟེམས་དང་།། མི་བཟད་གདོན་གྱིས་ཉེན་པ་དང་།། མྱ་ངན་ངལ་ལས་བྱུང་བ་ཡི།། རྨི་ལམ་སྡིག་པ་མཐོང་ན་ཡང་།། དེས་ནི་རབ་བཀྲུས་གཙང་མ་ཡིས།། མདོ་སྡེ་དམ་པ་ཉན་པར་གྱིས།། གང་དག་ཡིད་དགེ་སེམས་དྭངས་ཤིང་།། གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ།། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ།། མདོ་སྡེ་འདི་ནི་ཉན་བྱེད་ན།། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས།། སྲོག་ཆགས་དག་ནི་ཐམས་ཅད་ཀྱི།། མི་བཟད་པ་ཡི་ནད་རྣམས་ཀྱང་།། དེ་དག་ཐམས་ཞི་བར་ལྟ།། ཚེ་དང་བསོད་ནམས་འཕེལ་བར་འགྱུར།། སྡིག་པ་ཀུན་ལས་རྣམ་པར་ཐར།། ནོ་བུ་ཡུང་ཀར་དུར་བ་དང་།། རིན་ཆེན་རྨ་མེད་ཙན་དན་བཅས།། ཤེལ་དང་རྡོ་རྗེ་མེ་ཏོག་དང་།། ཆུ་ཡིས་གསེར་རམ་ཡང་ན་ནི།། དངུལ་གྱི་བུམ་པ་དག་ཀྱང་རུང་།། གཙང་མའི་གོས་ཀྱི་དཀྲི་ཞིང་དགང་།།ལན་གྲངས་ཉི་ཤུ་རྩ་གཅིག་གམ།། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད།། རྡོ་རྗེ་རྣམ་འཇོམས་བཟླ་ནས་ནི།། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག།།དེ་ཡིས་རྟག་ཏུ་དགེ་བར་འགྱུར།། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།།