ཕྱི་ལོ་  ༢༠༡༨ ཟླ་ ༡  ཚེས་ ༢༡ གཟའ་ཉི་མ།

རྫོགས་ཆེན་པ།

རྫོགས་ཆེན་སྐུ་ཞབས་དགེ་མང་སྐུ་ཕྲེང་གསུམ་པ།

རྫོགས་ཆེན་སྐུ་ཞབས་དགེ་མང་སྐུ་ཕྲེང་གསུམ་པ།

རྫོགས་ཆེན་དགོན་གྱི་རྒྱབ་ཕྱོགས་ཧ་ཅང་མི་རིང་བའི་སར། གཡང་འཁྱིལ་སྟོད་ཅེས་སྨན་ལྗོངས་ཉམ་དགའ་བར་གྲོང་ཚོ་ཞིག་ཡོད་པར་ལེགས་པའི་དགེ་མཚན་བཟང་པོ་དང་བཅས་འཁྲུངས་ཤིང་རྫོགས་ཆེན་ལྔ་པས་ངོས་འཛིན་གནང་ནས་ཁྲིར་བཀོད།

ཡོངས་འཛིན་མཁས་བཙུན་པདྨ་ཆོས་དཔལ་ལས་གསན་བསམ་མཛད་ཅིང་རྗེས་སོར་མཁྱེན་རྟོགས་ཟླ་བྲལ་དུ་གྱུར་ཏེ། གཏེར་གནས་ངེས་མེད་ཞིག་ནས་དུང་དཀར་གཡས་འཁྱིལ་དམ་ཆོས་སྨན་གྱིས་བཀང་བ་ཞིག་དང་། རྫོགས་ཆེན་གངས་ཁྲོད་གོང་མ་ནས་སངས་རྒྱས་སྨན་ལྷའི་སྐུ་ཁྱད་མཚར་ཞིག་གཏེར་ནས་བཞེས་པ་སོགས་འབྲེལ་ཚད་དོན་ལྡན་དུ་བཞུགས་ཀྱང་། དུས་འགྱུར་སྐབས་བརྩོན་འོག་ཏུ་ཚུད་དེ་དགུང་གྲངས་སུམ་བཅུ་སོ་གསུམ་ཙམ་ལ་རྒྱ་ནག་དར་རྩེ་མདོ་ལ་སྐུ་གཤེགས་པའི་ལོ་རྒྱུས་འདུག ། །།

 

རྫོགས་ཆེན་ཆོས་འབྱུང་ཡོངས་འདུས་ལྗོན་པའི་སྐྱེད་ཚལ་ལས།

ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས་བཏུས།